《開啟修心門扉》中引用第四世噶瑪巴尊者  若貝多傑之言:
དུས་འཆི་བདག་གི་རྒྱལ་པོ་བྱུང་ཙ་ན།།
時死主閻摩王一出現,
སེམས་བདེ་མོ་ཞིག་ཡོང་བ་དཀའ་མོར་གདའ།།
心即從此刻起難生喜;
ཚེ་ཕྱི་མ་གར་འགྲོའི་གཏོལ་མེད་པས།།
世未來所生處莫能曉,
དུས་ད་ལྟར་བསམ་བློ་ཞིབ་ཏུ་ཐོངས།།
時故應於此刻慎思擇!

མདོ་མྱང་ངན་ལས་འདས་པ་ཆེན་པོ།/ མདོ་མྱང་ངན་འདས་ཆེན་ལས།
《大般涅槃經》曰:
འདུ་ཤེས་ཐམས་ཅད་ཀྱི་ནང་ནས་ཡང་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན། 一切諸想中,死無常為勝。

དེ་བཞིན་དུ་མདོ་སྡེ་བསྟན་བཅོས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་སྒོམ་པ་དང་ཚེ་འདི་བློས་གཏོང་མཆོག་ཡིན་ནོ།
如是一切經論中,悉以觀修無常與捨棄現世為勝。

༼འཆི་བ་མི་རྟག་པ་སྒོམ་པས་༽འཇིག་རྟེན་གྱི་དངོས་ཞེན་ཐམས་ཅད་སྤོང་བ། ཉམས་རྟོགས་ཐམས་ཅད་ཅིག་ཅར་དུ་འགྲོ་བའི་སྐུལ་མ། མི་རྟག་པ་རྗེས་སུ་དྲན་པ་ནི་ཆོས་ཐམས་ཅད་ཀྱི་གཞི་རྟེན། ཡོན་ཏན་ཐམས་ཅད་ཀྱི་རྩ་བ། འཆི་བ་མི་རྟག་པ་སྒོམ་པ་དེ་ཆོས་མེད་དུ་མི་རུང་བ་ཞིག་ཡིན་ནོ། 
[由觀修死無常故,]能斷世間一切現前耽著,促使一切修證同趨一處。隨念無常是為一切佛法所依,復為一切功德之本。是故觀修死無常者,乃不可或缺之一法也。

《開啟修心門扉》復引རྒྱལ་སྲས་རིན་པོ་ཆེའི་ཞལ་ནས།諸佛珍寶心子所說:
འདུལ་རྒྱུའི་དགྲ་མེད་སྐྱོང་རྒྱུའི་གཉེན་མེད་ཅིང་།།
無應制敵亦無應護友,
ཕར་ལྟོས་དཔོན་མེད་ཚུལ་ལྟོས་གཡོག་མེད་པས།།
無所依怙能依僕亦無,
དབེན་པའི་གནས་སུ་རང་སེམས་མི་འདུལ་ན།།
若於寂靜處不調自心,
ཁྱེད་ལ་བྱ་བ་ཅི་འདུག་མ་ཎི་བ།།
持瑪尼者汝何事能行?

འདུལ་བ་ལུང་ལས།《律藏》曰:
ངའི་འཁོར་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་དང་འདྲ་བ་བརྒྱ་ལ་གདུགས་ཚོན་ཡོན་དང་བཅས་པ་བྱིན་བ་བས། འདུ་བྱས་མི་རྟག་པ་སྐད་ཅིག་མ་གཅིག་དྲན་པ་མཆོག་ཡིན་ནོ།
於一剎那憶念有為無常,勝於以彩傘施物等供養如舍利弗、目犍連等吾百眷衆。





主持人
第四世噶瑪巴尊者