四月供水節,藏地興盛供水的淵源,怎樣如理供水,供水的利益是怎樣的? 這裡給大家介紹普及。
薩嘎達瓦節是佛祖入胎、成佛、圓寂等示現三重殊胜日,做任何善事功德千萬倍,雪域藏地信眾在這個月裡磕長頭、持齋戒、素食、供水等 行善。 而供水的由來據說是藏王拉•喇嘛香曲沃迎請阿底峽尊者來西藏弘法時,阿底峽尊者看到西藏的泉水甘甜清涼,說道:“如果這樣的水在印度,我 必會以黃金來換取供佛”之說,自此藏地就普遍用鐺普(供水碗)來用淨水供養佛。
塔爾寺的四月供水法會是著名的大隱士傑•賽康巴所創之後,每年的四月初三下午開始,初四、五、六三天做供水法會。 至此以塔爾寺不共的念誦儀軌,主要有上師供養法以及藥師佛儀軌為主做供水法會,期間每天清晨五點多到下午五點多,僧眾們來到供水台 前,幾千盞水碗被注入淨水,在梵音的縈繞中,一邊唸誦儀軌,一邊供水、供花、供香,法喜遍滿。
བཞི་བའི་མཆོད་པ་དང་འབྲེལ་ནས་བོད་ཡུལ་དུ་ཡོན་ཆབ་འབུལ་སྲོལ་རྒྱ་ཆེར་དར་བའི་ལོ་རྒྱུས་དང་འབུལ་བའི་ཚུལ། ཕན་ ཡོན་སོགས་ངོ་སྤྲོད་ཅུང་ཟད་བྱེད་པ་ལ།
ས་ག་ཟླ་བ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལྷུམས་སུ་ཞུགས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ ། སྐུ་མྱ་ངན་ལས་འདའ་བ་སྟེ་སྟོན་པའི་མཛད་པ་གསུམ་བསྟན་པའི་དུས་ཁྱད་པར་ཅན་ཡིན་པས་དགེ་རྩ་གང་བྱས་བྱེ ་བ་ཕྲག་བརྒྱར་འགྱུར་བར་མདོ་ལས་གསུངས་སོ།།དེ་བས་དད་ལྡན་རྣམས་ཀྱིས་དགེ་རྩ་ཇི་སྙེད་ཅིག་སྒྲུབ་ཀྱིན་ཡོད་པ་ ནི་དཔེར་ན། ཕྱག་འཚལ་བ་དང་། སྨྱུང་གནས་སྲུང་བ། དཀར་ཟས་ལ་རོལ་བ། སྦྱིན་པ་གཏོང་བ། མཆོད་པ་བཤམས་པ་ལ ་སོགས་པ་དགེ་བའི་ལས་ལ་བརྩོན་པའོ།།
དེ་ཡང་ཆུ་མཆོད་ནི་བཤད་སྲོལ་ལ་ཐོག་མར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས། མཉམ་མེད་ཇོ་བོ་རྗེ་བོད་དུ་གདན་ དྲངས་སྐབས། བོད་ཀྱི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་མང་པོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་འཕྲོག་ ནས། འདི་ལྟ་བུའི་ཆུ་གཙང་མ་རྒྱ་གར་དུ་ཡོད་ན་ཁོང་གིས་གསེར་ཕུལ་ནས་ཉོས་ཏེ་མཆོད་པ་འབུལ་བར་གསུངས་པ་ ནས་བོད་དུ་ཏིང་ཕོར་ནང་དུ་ཡོན་ཆབ་བཤམས་ཚུལ་འདི་རྒྱ་ཆེར་དར་བར་བཤད།