資訊分類
師長簡介(0)
相簿
 
最新文章
 
 
三主要道偈頌文 宗喀巴大師造


派別:(格魯)

仁增塔欽仁波切新譯 倉央龍措演唱

༄༅།།ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྩ་བ་བཞུགས་སོ།། 《三主要道偈頌文》

༄༅།།ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྩ་བ་བཞུགས་སོ།། 《三主要道偈頌文》
མཛད་པ་པོ་རྒྱལ་བ་བློ་བཟང་གྲགས་པ། 宗喀巴大師 造
བསྒྱུར་རྒྱ་ཀོང་རིག་འཛིན་མཐར་ཕྱིན།། 仁增塔欽仁波切新譯
དབྱངས་ཚོགས་གླུ། 薈供歌曲
མགུར་ལེན་མཁན་ཚངས་དབྱངས་ལང་ཚོ། 倉央龍措 演唱

རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།།
尊者上師總頂禮
རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།།
永勝慧言悉數之髓義
རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།།
勝子珍貴總讚之道途
སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།
福具解脫總眾之津梁
ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།།
何疇內允吾隨力詮宣

གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།།
任者能顯安樂無貪婪
དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།།
暇滿具義為此精勤以
རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།།
永勝佛悅法道意信依
སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན།།
福具諸者當喜循諦聽

རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།།
清淨出離無成能顯海
བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།།
樂果追覓寂息法皆無
སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།།
能顯貪執引致種身俱
ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།།
盡全縛繋首尋出離心

དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།།
暇滿難得且命壽無暇
ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག།
意中嫻熟此生顯執迣
ལས་འབྲས་མི་བསླུ་འཁོར་བའི་སྔུག་བསྔལ་རྣམས།།
因果不爽輪迴全悉苦
ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག།
恆思惟此來世顯執迣

དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ།
此等熟修輪迴富福予
ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་།།
心意剎那亦不生傾羨
ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ།།
晝夜悉數解脫冀思惟
བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།།
若於此即出離心勝生

ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།
出離心以清淨發心引
ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།།
若無攝持無上菩提之
ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།།
圓滿勝樂因無能成故
བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།།
睿具總者發貴菩提心

ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།
為利四大續流瀑沖擊
བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།།
難抵遮蔽業纏之束迫
བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།
我執鐵柵網內夾困置
མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།།
無明黑黯黕黝籠罩蓋

མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།།
無邊能顯出生轉投生
སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།།
三苦續流逼迫常苦難
གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།
此際已成種母之有情
ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པརམཛོད།།
情景思惟發勝菩提心

གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།
究竟證悟慧具若未全
ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།
出離菩提心縱然熟亦
སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།།
能顯之根斷除未然有
དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།
故謂緣起悟方須精勤

གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།།
任誰輪涅一切諸法之
རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།།
因果永欺惑誑未曾見
དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།།
細執標項任一悉盡滅
དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས།།
此即覺綻所喜吉道入

སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།།
顯示緣起未消殆盡及
སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།།
空性承許離涵義二者
ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།།
任其各別呈現於何時
ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།།
尚有能仁意慧未透悟

ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།།
有朝交迭無有融一體
རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།།
緣起不爽即刻視貌矣
ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞི་ན།།
信知認境執著全然熄
དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།།
此時見解究察圓滿成

གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།
另餘顯露有邊除退盡
སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད།།
空性無邊除遣慧空性
རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན།།
因與果顯相理若徹知
མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ།།
邊執見解未能搶奪取

དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།།
如是此道乃三主要述
གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།
總義真諦己已通曉時
དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས།།
蘭若處依精進力盛增
གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ།།
究竟永恆目的遄行子

ཞེས་པ་འདི་ནི་མང་ཏུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་གདམས་པའོ།།
此乃多聞之比丘洛松朝巴予示擦廓諸侯安翁朝巴之教訣

持明譯於二零一四年二月九號藏曆十日吾誕辰日

ཤར་རྒྱལ་བ་ཙོང་ཁ་བ་ཆེན་པོ་ནི་སྟོན་པ་ཉིད་ཀྱིས། ཀུན་དགའ་བོ། ད་ལྟ་ང་ལ་ཤེལ་དཀར་གྱི།།ཕྲེང་བ་སྟེར་བའི་ཁྱེའུ་འདི།།ང་ཡི་བསྟན་པ་གསོ་བྱེད་ལ།།མ་འོངས་སྙིགས་མའི་དུས་སུ་ནི།།འབྲི་དང་ལྡན་གྱི་ས་མཚམས་སུ།།དགེ་ཞེས་བྱ་བའི་དགོན་པ་འདེབས།།བློ་བཟང་ཞེས་བྱའི་མིང་ཅན་འབྱུང་།། འཇམ་དཔལ་རྩ་རྒྱུད་ལས།འཇིག་རྟེན་ང་ནི་མྱ་ངན་འདས།།ས་ཡི་སྟེང་འདི་སྟོང་གྱུར་ན།།ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི།།སངས་རྒྱས་མཛད་པ་བྱེད་པར་འགྱུར།།དེ་ཚེ་དགོན་ཆེན་རབ་དགའ་བ།།ཁ་བ་ཅན་ན་ཡོད་པ་ཡིན།།ཞེས་སོགས་གསུངས་པའི་ཚད་མའི་སྐྱེས་བུ་ཆེན་པོ་ཉིད་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་བདུད་རྩིའི་ཆོས་ཕུང་གི་མཆོད་མགུར་སྙན་མོས་ལུས་ཅན་ཀུན་གྱི་ཡིད་ལ་ཆོས་ཚུལ་རིན་པོ་ཆེ་འདིའི་གནས་ལུགས་ཇི་བཞིན་སད་དེ་མི་ལུས་དོན་དང་ལྡན་པར་བྱིན་གྱིས་རློབས།།

མཛད་པ་པོ་རྒྱལ་བ་བློ་བཟང་གྲགས་པ། 宗喀巴大師 造
བསྒྱུར་རྒྱ་ཀོང་རིག་འཛིན་མཐར་ཕྱིན།། 持明 仁增塔欽仁波切新譯
དབྱངས་ཚོགས་གླུ། 薈供歌曲
མགུར་ལེན་མཁན་ཚངས་དབྱངས་ལང་ཚོ། 倉央龍措 演唱

全文請見🎙️https://mp.weixin.qq.com/s/wOSAY2UY9a1YQV0IP65VMA

     聯絡電話:0 地址:台北市 參觀網址  

 

回修行園地首頁