派別:(寧瑪)
持明 仁增塔欽仁波切製作
《天降格薩爾王》西藏偉大的英雄史詩唱誦。
Wechat 公眾號:https://mp.weixin.qq.com/s/UBbaubxkjr7AIYIEC-pdBA
第一,1-10,Wechat 公眾號 འདི་ན་མནན། གླིང་ལྷ་བབ་ཀྱི་སྒྲུང་། རྒྱ་ཀོང་རིག་འཛིན་མཐར་ཕྱིན། དང་པོ། ༡-༡༠ https://mp.weixin.qq.com/s/MQgxpLoCGQ1WRNLzG5gr1Q
第二,11-20西藏偉大的英雄史詩唱誦。 Wechat 公眾號 འདི་ན་མནན། ➡️ གླིང་ལྷ་བབ་ཀྱི་སྒྲུང་། རྒྱ་ཀོང་རིག་འཛིན་མཐར་ཕྱིན། གཉིས་པ། ༡༡-༢༠ https://mp.weixin.qq.com/s/xFvRvu9ml6BhZZg9koEZQw
第三,21-30 西藏偉大的英雄史詩唱誦。Wechat 公眾號 འདི་ན་མནན། ➡️ གླིང་ལྷ་བབ་ཀྱི་སྒྲུང་། རྒྱ་ཀོང་རིག་འཛིན་མཐར་ཕྱིན། གསུམ་པ། ༢༡-༣༠
https://mp.weixin.qq.com/s/MvTHB3u5kgLBRcnLvotHWw
第四,31-40 西藏偉大的英雄史詩唱誦。Wechat 公眾號 འདི་ན་མནན། ➡️ གླིང་ལྷ་བབ་ཀྱི་སྒྲུང་། རྒྱ་ཀོང་རིག་འཛིན་མཐར་ཕྱིན། བཞི་བ། ༣༡-༤༠ https://mp.weixin.qq.com/s/d3Er5aIK4kkkMIb8C6Uvhg
第五,41-45 西藏偉大的英雄史詩唱誦。Wechat 公眾號 འདི་ན་མནན། ➡️ གླིང་ལྷ་བབ་ཀྱི་སྒྲུང་། རྒྱ་ཀོང་རིག་འཛིན་མཐར་ཕྱིན། ལྔ་པ། ༤༡-༤༥ https://mp.weixin.qq.com/s/7SaX0Ts0oMP6U9b36q1CYQ
持明 仁增塔欽仁波切製作
The Biography of King Gesar, Tibet's Great Heroic Epic, and Chanting.
གླིང་ལྷ་བབ་ཀྱི་སྒྲུང་། རྒྱ་ཀོང་རིག་འཛིན་མཐར་ཕྱིན།
持明恩師 仁增塔欽仁波切,於安靜的蘭若處從夢境中甦醒以後,心裡自然顯現格薩爾王主尊與隨眾之故事,於今日藏曆九月二十二日佛陀天降日(2022年11月15日)將進行兩年多來所完成的格薩爾王天降故事與相關影片發表於網路世界,祈願地球上全世界的人們人心清淨自在、歡樂喜悅,並且獲得格薩爾王之加持,即身成佛!
此書源於恩師在海拔四千多公尺的蘭若處閉關時,一時靈感湧現,彷彿格薩爾王及其將領們紛紛從天而降,當下顯現出千年前的場景和對白。
在師廢寢忘食完成文字部分後,我們又於高原和平地間奔波,和格薩爾曲藝歌手合作,耗時一年又三個月,最終錄製出數十首歌曲,代表格薩爾王和其將領、眷屬的精彩故事。
⚜️སྨོན་སྒྲུང་གི་སྔོན་གཏམ།
⚜️གླིང་གེ་སར་རྒྱལ་པོའི་སྒྲུང་གཏམ་སྙན་ངག་རིང་མོ་འདི་སའི་གོ་ལའི་ཤར་ནུབ་ཀྱི་ལྗོངས་སུ་སྐད་གྲགས་ཡོད་པའི། གྷི་རས་སུ་རིག་གཞུང་ནང་གི་དཔའ་བོ་ཧོ་མོའུ་མཛད་རབས་སྙན་ངག་ཏུ་བྲིས་པ་དང་། རྒྱ་གར་གྱི་རཱ་མ་ཎའི་རྟོགས་བརྗོད་སོགས་ལས་ཀྱང་། གེ་སར་རྒྱལ་པོའི་སྒྲུང་ནི།འཛམ་གླིང་ཐོག་ཆེས་རིང་ཤོས་དང་། ནང་དོན་ཕུན་སུམ་ཚོགས་པའི་ལོ་རྒྱུས་སྙན་ངག་གསོན་པོ་ཞིག་ཡིན། ༢༠༠༩ལོར་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་སུ་ངོས་འཛིན་བྱས་ཡོད། བདག་ཆུང་བྱིས་པ་ལོ་བརྒྱད་ཙམ་ནས། དགེ་རྒན་དང་སློབ་དེབ་གཉིས་ཀའི་ཚབ་བྱས་ནས།གེ་སར་སྒྲུང་ཡིག་འབྲི་དེད་དང་སྦྲེལ་འདོན་བྱས་ཏེ། ཀློག་སློབ་པའི་མཐུན་རྐྱེན་ལ་བེད་སྤྱད་གཏོང་། བྱིས་པའི་ཐལ་རྩེད་ཁྲོད་ནས་བཟུང་ད་བར། གླིང་གེ་སར་གྱི་རྗེས་ཤུལ་རང་དོད་ཡོད་པའི་སྒྲུབ་ཆུ་ཉག་ཚེ་ཆུ་རྟག་འཁྱིལ་གྱི་གནས་དེར་དགའ་ཞེན་གྱིས་སྲུང་། གནས་རྡོའི་ངོས་ལ་མི་རྗེ་གེ་སར་གྱི་རྡོ་སྐུ་གཟི་བརྗིད་ལྡན་པ་དགྲ་ལྷའི་གོ་དགུས་བརྗིད་པ་དང་། སེང་ལྕམ་འབྲུག་མོ་འབུར་བརྐོས་ཡོད་སར་མཉམ་འབྲེལ་རྒྱལ་ཚོགས་ལ་མིའི་རིགས་ཀྱི་གཟུགས་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་ཐོ་ཡིག་ཐོག་སྙན་ཞུ་པའང་གདན་དྲངས། མཆོད་དགོན་ནང་ཟངས་དམར་གྱི་གེ་སར་རྒྱལ་པོ་ཐོག་བརྩེགས་གསུམ་ཅན་གྱི་སྐུ་བཞེངས། ངའི་ཨ་ཕྱིའི་ཡང་བྱང་གྲུབ་ཐོབ་རྫོགས་ཆེན་པས་གེ་སར་སྐྱེས་བུ་དཔའ་བརྟུལ་སྟོན་འཁོར་དག་པའི་གཟིགས་སྣང་བཞིན། མི་ཡུལ་དུ་གེ་སར་རྡོ་རྗེའི་གར་འཆམ་གྱི་སྟངས་སྟབས། ཞལ་འབགའཆམ་གོས་ཀྱི་སྲོལ་གཏོད་པར་དད་པ་ངེས་ཤེས་དང་འབྲེལ་དགའ་ཞེན་གྱི་བགས་ཆགས་ཆུང་ནས་ཡོད་པའི་ཤུགས་རྐྱེན་གྱིས་གླིང་གེ་སར་སྐྱེས་བུའི་སྒྲུང་ནང་ལ་ངའི་རྣམ་ཤེས་ཤོར་ཏེ། རིག་འཛིན་འཇིགས་མེད་གླིང་པའི་དག་གཟིགས་ཀྱི་སྒྲུབ་གནས་ལ་ལོ་རབས་དགུ་བཅུ་པར་ལོ་གཅིག་ལྷག་ལ་འདུག་སྐབས། ཕྱི་གླིང་གཡུལ་འགྱེད་ཞེས་པ་ཞིག་དང་། ད་ལན་ཡང་གནས་དེའི་འོག་གི་སྒྲུབ་ཁང་དུ་རྨི་ལམ་སད་པའི་ཡིད་དྭངས་མ་ཡལ་སྔོན་ཐད་ཀར་ཤོག་ངོར་ཕབ་པའི་གླིང་ལྷ་བབས་རྫོགས་ལྡན་སྐྱིད་པའི་ཉི་མ་འདི། བོད་ཁམས་པའི་སྐད་གྲགས་ཅན་གྱི་སྒྲུང་པ་རྣམ་གཉིས་ཏེ། སྡེ་དགེའི་ཨ་ནིས་དང་། རྫོགས་ཆེན་པདྨ་ཡེ་ཤེས། སྒྲུང་མ་ངག་དབང་ཆོས་སྒྲོན། སྒྲུང་པ་བསོད་རྒྱལ། སྒྲུང་པ་ནོར་བུ་བཀྲ་ཤིས། སྒྲུང་པ་དཔའ་དར། སྒྲུང་མ་ཚངས་དབྱངས་ལང་ཚོ། སྒྲུང་མ་བདེ་ཆེན་ལྷ་མོ། སྒྲུང་པ་འགྱུར་དགའ། སྒྲུང་མ་བསམ་པ་བཟང་པོ། སྒྲུང་པ་ཚེ་རིང་ཟླ་བ་བཅས་ཀྱིས་སྙན་མོའི་སྒྲུང་མགུར་དབྱངས་སུ་གྱེར། བི་རྱཱ་རང་གིས་སྒྲུང་བཤད་པའི་སྨོན་སྒྲུང་འདིས་བསྟན་དང་འགྲོ་བའི་དགེ་མཚན་ཡར་ངོ་ཟླ་ལྟར་འཕེལ་ཞིང་། སྣོད་བཅུད་ཀུན་ཏུ་ལེགས་ཚོགས་ཆར་བཞིན་འཇོ་བས། ཕྱི་ལྟར་གླིང་དཔའ་བརྟུལ་ཡོངས་འདུས་ཀྱི་སྨོན་སྒྲུང་ཡིད་དུ་འོང་བས་རྣ་དབང་ལ་སྙན། ནང་ལྟར་སེང་ཆེན་དཔའ་བརྟུལ་ཕུ་ནུའི་བྱིན་རླབས་ཀྱིས་ལྗོངས་འདིའི་བརྟན་གཡོར་བཀྲ་ཤིས། གསང་བ་སྒྲུང་དོན་བླ་མེད་ཆོས་ཀྱི་ཆེ་བ་ཡིད་སྤྱོད་བྲལ་བས་སྒོམ་པ་ཏིང་འཛིན་གྱིས་མྱོང་། ཡེ་བཞུགས་གཞིའི་སངས་རྒྱས་མངོན་དུ་གྱུར་ཏེ་སྙིང་རྗེའི་ཕྲིན་ལས་བཟང་པོས་མ་ལུས་འགྲོ་བ་ཀུན་ཀྱང་སངས་རྒྱས་རང་སྣང་ནས་ཤར་བའི་རྒྱུར་གྱུར་ཅིག། སྨོན་སྒྲུང་མཛད་པ་པོ་བིརྱཱས༢༠༢༡ལོའི་ཟླ༨པར་བྲིས།